
བོད་མིའི་སྒྲིག་འཛུགས་ཀྱིས་“བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་”ཞེས་པའི་ལས་འགུལ་དབུ་འབྱེད་གནང་སོང་།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༣ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ།  སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ Tibetan National Identity Preservation Week འམ་“བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་”ཞེས་ད་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༩ པའི་ཟླ་མཇུག་གི་གཟའ་འཁོར་བཞི་པར་སྲུང་བརྩི་དགོས་པའི་ལས་འགུལ་དེ་ཉིད་དངོས་སུ་དབུ་འབྱེད་དང་འབྲེལ།  བོད་མི་ཚང་མས་ལས་འགུལ་འདིར་ཐུགས་སྣང་གནང་བའི་ཐོག་དེའི་རྩ་འཛིན་དང་ལམ་སྟོན་ཡིག་ཆ་ནང་གསལ་གྱི་བྱེད་སྒོ་ཁག་ཁུར་ལེན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་སོང་། …
The skinny
The skinny isn't ready yet — notes appear once the transcript is processed.