
༸རྒྱལ་དབང་ཀརྨ་པ་མཆོག་མྱུར་དུ་འབྲས་ལྗོངས་ནང་ཕེབས་ཐུབ་ཐབས་སླད་གང་ཡོང་བྱེད་བཞིན་ཡོད་ཅེས་གསུངས་འདུག
དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་འདི་ལོའི་ཕྱི་ཟླ་ ༡༠ པའི་ཟླ་མཇུག་ཏུ་འབྲུག་རྒྱལ་ཁབ་ནང་དུ་ཕེབས་གཏན་འཁེལ་བ་དང་འབྲེལ། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༸རྒྱལ་དབང་མཆོག་མྱུར་དུ་འབྲས་ལྗོངས་མངའ་སྡེའི་ནང་ཆིབས་བསྒྱུར་མཛད་རྒྱུའི་རེ་བ་ཞུ་བཞིན་པ་དང་མངའ་སྡེ་གཞུང་ནས་ཐབས་ཤེས་གང་ཡོང་གནང་བཞིན་ཡོད་པ་མ་ཟད། ཉིན་གཅིག་གཏན་གཏན་ཕེབས་ཐུབ་ཀྱི་རེད་ཅེས་གསུངས་འདུག དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༩ ནས་ཕྱི་ཟླ་ ༡༡ ཚེས་ ༧ བར་༸རྒྱལ་དབང་མཆོག་འབྲུག་རྒྱལ་ཁབ་ནང་།…
The skinny
The skinny isn't ready yet — notes appear once the transcript is processed.